您现在的位置: 久治新闻网  
青海省城乡居民“两病”政策问答(双语)
来源:
发布时间: 2020-05-21 11:14:06
编辑: 久治新闻网

  1、参保城乡居民高血压糖尿病(以下简称“两病”)门诊用药保障对象有哪些?

  答:已参加我省城乡居民基本医疗保险但未纳入门诊特殊病慢性病保障范围的,经二级及以上定点综合医疗机构确诊并在门诊采取药物治疗的“两病”患者。

  2、参保城乡居民“两病”患者门诊用药保障政策是什么?答:参保城乡居民“两病”门诊用药费用,由基本医疗保险基金按政策规定予以报付。“两病”门诊用药不设起付线;参保年度内高血压门诊用药费用基本医疗保险基金最高支付限额为400元,糖尿病最高支付限额为600元,同时患有“两病”的支付限额为1000元。

  3、参保城乡居民“两病”患者门诊用药报付比例?答:患者在二级及以下定点医疗机构门诊发生的符合用药范围的“两病”药品费用,二级、一级及以下定点医疗机构报付比例分别为50%、60%。

  4、参保城乡居民“两病”门诊用药保障与其他政策是如何衔接的?答:已纳入门诊特殊病慢性病保障范围的“两病”患者仍继续执行原政策,不享受“两病”门诊用药保障待遇。“两病”用药患者因病情加重符合门诊特殊病慢性病标准的,按政策规定鉴定后享受相关待遇。参保城乡居民“两病”门诊用药与特殊药品使用政策不重复享受,与普通门诊统筹待遇可同时享受。

  5、参保城乡居民“两病”患者门诊用药的范围?答:“两病”患者门诊降血压或降血糖的药物,按照《国家基本医疗保险工伤保险和生育保险药品目录》和《青海省基本医疗保险工伤保险和生育保险药品目录》所列品种,优先选用药品目录甲类药品,优先选用国家基本药物,优先选用通过一致性评价的品种,优先选用集中招标采购中选药品。

  6、参保城乡居民“两病”患者的门诊处方用量如何规定?答:“两病”患者门诊用药处方用量可适当延长,最长不超过60日用量(医师应在处方上注明理由)。

  7、参保城乡居民如何享受“两病”门诊用药政策?答:参保城乡居民经二级及以上综合定点医疗机构确诊,经市州、县区医保经办服务机构审核确认后,即可纳入“两病”门诊用药保障范围,享受相关医保待遇。

  8、参保城乡居民如何购买使用“两病”药品?答:参保城乡居民按照就近、方便的原则,自主选择2-3家定点医疗机构,并由医保经办机构在医保信息系统内进行备案后,即可到选定的定点医疗机构购买使用“两病”药品。

  9、参保城乡居民如何报销“两病”药品费用?答:参保城乡居民购买使用“两病”用药的费用,基本医疗保险基金支付的部分,由医保经办机构与定点医疗机构直接结算;目前尚无法直接结算的,由个人先行垫付,于次年10月31日前,随时到参保地医保经办服务机构报销。

  10、参保城乡居民可购买使用哪些治疗高血压的药品?答:截至目前,我省药品集中招标采购平台已经采购的高血压药品共有62种,包括不同规格剂型共83种。具体药品名单,可通过青海省医疗保障局手机APP查询。

  11、参保城乡居民可购买使用哪些治疗糖尿病的药品?答:截至目前,我省药品集中招标采购平台已经采购的糖尿病药品共有49种,包括不同规格剂型共66种。具体药品名单,可通过青海省医疗保障局手机APP查询。

  མཁར་གྲོང་སྡོད་དམངས་ཡུལ་མིའི་༼ ནད་རིགས་གཉིས་ ༽ཀྱི་སྲིད་ཇུས།

  ༡. འགན་བཅོལ་ནང་ཞུགས་པའི་མཁར་གྲོང་སྡོད་དམངས་ཀྱི་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་༼ གཤམ་གྱི་ནད་རིགས་གཉིས། ༽ལ་སྒོ་བསྟེན་སྨན་བཅོས་འགན་ལེན་བྱ་ཡུལ་གང་དག་ཡོད་དམ།

  ལན། མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་སྡོད་དམངས་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཀྱང་སྒོ་བསྟེན་གྱི་དམིགས་བསལ་ནད་དང་གཅོང་ནད་ཀྱི་འགན་ལེན་ཁྱབ་ཁོངས་ནང་བཅུག་མེད་པའི་རིགས་ལ། རིམ་པ་གཉིས་པ་དང་དེའི་ཡན་གྱི་གནས་གཞི་གཏན་འཁེལ་ཕྱོགས་བསྡུས་སྨན་བཅོས་སྒྲིག་གཞིས་གཏན་འཁེལ་བྱས་པ་དང་འབྲེལ་སྒོ་བསྟེན་སྨན་ཁང་དུ་སྨན་རྫས་སྤྱད་དེ་སྨན་བཅོས་བྱེད་པའི་༼ ནད་རིགས་གཉིས། ༽ནད་པ་ཡིན་དགོས།

  ༢. འགན་བཅོལ་ནང་ཞུགས་པའི་མཁར་གྲོང་སྡོད་དམངས་ཀྱི་༼ ནད་རིགས་གཉིས། ༽ནད་པའི་སྒོ་བསྟེན་སྨན་བཅོས་འགན་ལེན་སྲིད་ཇུས་ཇི་འདྲ་ཞིག་ཡིན་ནམ།

  ལན། འགན་བཅོལ་ནང་ཞུགས་པའི་མཁར་གྲོང་སྡོད་དམངས་ཀྱི་༼ ནད་རིགས་གཉིས། ༽སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་སྲིད་ཇུས་ཀྱི་གཏན་འབེབས་ལྟར་སྤྲོད་དགོས། ༼ ནད་རིགས་གཉིས། ༽ལ་སྒོ་བསྟེན་སྨན་ཁང་དུ་སྨན་སྤྱོད་སྐབས་སྨན་རིན་སྤྲོད་མི་དགོས་ལ། འགན་བཅོལ་ནང་ཞུགས་པའི་ལོ་འཁོར་ནང་ཁྲག་ཤེད་མཐོ་བའི་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་སྒོར་༤༠༠དང་གཅིན་སྙི་ཟགས་ཁུའི་ནད་ཀྱི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་སྒོར་༦༠༠ཡིན་པ་དང་དུས་མཚུངས་སུ་༼ ནད་རིགས་གཉིས། ༽ཕོག་པའི་གཏོང་སྤྲོད་བཅད་གྲངས་སྒོར་༡༠༠༠ཡིན་པ་རེད།

  ༣. འགན་བཅོལ་ནང་ཞུགས་པའི་མཁར་གྲོང་སྡོད་དམངས་ཀྱི་༼ ནད་རིགས་གཉིས། ༽ནད་པས་སྒོ་བསྟེན་སྨན་ཁང་དུ་སྨན་རིན་སྤྲོད་པའི་བསྡུར་ཚད་ཇི་འདྲ་ཡིན།

  ལན། ནད་པར་རིམ་པ་གཉིས་པ་དང་དེ་མན་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་སྒོ་བསྟེན་སྨན་བཅོས་བྱེད་སྐབས་སྨན་སྤྱོད་ཁྱབ་ཁོངས་དང་མཐུན་པའི་༼ ནད་རིགས་གཉིས། ༽སྨན་རྫས་ཀྱི་འགྲོ་གྲོན་དེ་རིམ་པ་གཉིས་པ་དང་། རིམ་པ་དང་པོ། དེ་བཞིན་དེའི་མན་གྱི་གནས་གཞི་གཏན་འཁེལ་སྨན་བཅོས་སྒྲིག་གཞིའི་འགྲོ་གྲོན་བསྡུར་ཚད་ལས་༥༠%དང་༦༠%སོ་སོར་ཟིན་ཡོད་པ་རེད།

  ༤. འགན་བཅོལ་ནང་ཞུགས་པའི་མཁར་གྲོང་སྡོད་དམངས་ཀྱི་༼ ནད་རིགས་གཉིས། ༽སྒོ་བསྟེན་སྨན་བཅོས་འགན་ལེན་དང་སྲིད་ཇུས་གཞན་དག་ཇི་ལྟར་འབྲེལ་མཐུད་བྱེད་དགོས།

  ལན། སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་གཞི་དང་གཅོང་ནད་འགན་ལེན་ཁྱབ་ཁོངས་ནང་བཙུད་པའི་༼ ནད་རིགས་གཉིས། ༽ཕོག་མཁན་གྱིས་སྔར་བཞིན་དེ་སྔའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ་༼ ནད་རིགས་གཉིས། ༽སྒོ་བསྟེན་སྨན་བཅོས་ཀྱི་འགན་ལེན་ཐོབ་ཐང་ལོངས་སུ་སྤྱོད་མི་ཆོག ༼ ནད་རིགས་གཉིས་ ༽ཀྱི་སྨན་བསྟེན་པའི་ནད་པའི་ནད་གཞི་ལྕི་རུ་སོང་ནས་སྒོ་བསྟེན་གྱི་དམིགས་བསལ་ནད་དང་གཅོང་ནད་ཀྱི་ཚད་གཞི་དང་མཐུན་ཚེ་སྲིད་ཇུས་ཀྱི་གཏན་འབེབས་གཞིར་བཟུང་ནས་གསལ་འབྱེད་བྱས་རྗེས་འབྲེལ་ཡོད་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། འགན་བཅོལ་ནང་ཞུགས་པའི་མཁར་གྲོང་སྡོད་དམངས་ཀྱིས་༼ ནད་རིགས་གཉིས། ༽སྒོ་བསྟེན་སྨན་བཅོས་དང་དམིགས་བསལ་སྨན་རྫས་སྤྱོད་པའི་སྲིད་ཇུས་བསྐྱར་དུ་ལོངས་སྤྱོད་བྱེད་མི་ཆོག་མོད། སྤྱིར་བཏང་སྒོ་བསྟེན་སྨན་བཅོས་དང་གཅིག་གྱུར་འཆར་འགོད་ཀྱི་ཐོབ་ཐང་དང་མཉམ་དུ་ལོངས་སྤྱོད་བྱེད་ཆོག

  ༥. འགན་བཅོལ་ནང་ཞུགས་པའི་མཁར་གྲོང་སྡོད་དམངས་ཀྱི་༼ ནད་རིགས་གཉིས། ༽ནད་པའི་སྒོ་བསྟེན་སྨན་བཅོས་ཀྱི་ཁྱབ་ཁོངས་ཇི་འདྲ་ཡིན།

  ལན། ༼ ནད་རིགས་གཉིས། ༽ཡོད་པའི་ནད་པས་སྒོ་བསྟེན་སྨན་ཁང་དུ་ཁྲག་ཤེད་དམའ་བའམ་ཡང་ན་ཁྲག་མངར་གཅོག་པའི་སྨན་རྫས་དག་《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ལས་རྨས་འགན་བཅོལ་དང་བུ་བཙའི་འགན་བཅོལ་གྱི་སྨན་རྫས་དཀར་ཆག》དང་《མཚོ་སྔོན་ཞིང་ཆེན་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ལས་རྨས་འགན་བཅོལ་དང་བུ་བཙའི་འགན་བཅོལ་གྱི་སྨན་རྫས་དཀར་ཆག་》ནང་འཁོད་པའི་རིགས་ཁག་གཞིར་བཟུང་སྟེ། སྔོན་ལ་སྨན་རྫས་དཀར་ཆག་ཀ་པའི་རིགས་འདེམས་པ་དང་། རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་སྔོན་ལ་འདེམས་པ། གཅིག་མཐུན་རང་བཞིན་གྱི་གདེང་འཇོག་ཐོབ་པའི་རིགས་ཁག་སྔོན་ལ་འདེམས་པ། གཅིག་སྡུད་འོས་འགུགས་ཉོ་སྒྲུབ་ཁྲོད་ཀྱི་སྨན་རྫས་སྔོན་ལ་འདེམས་སྤྱོད་བཅས་བྱེད་དགོས།

  ༦. འགན་བཅོལ་ནང་ཞུགས་པའི་མཁར་གྲོང་སྡོད་དམངས་ཀྱི་༼ ནད་རིགས་གཉིས། ༽ནད་པའི་སྒོ་བསྟེན་སྨན་ཐོའི་སྤྱོད་ཚད་ཇི་ལྟར་གཏན་འཁེལ་བྱེད་དགོས།

  ལན། ༼ ནད་རིགས་གཉིས། ༽ཅན་གྱི་ནད་པའི་སྒོ་བསྟེན་སྨན་བཅོས་ཀྱི་སྨན་ཐོ་སྤྱོད་ཡུན་འོས་འཚམ་གྱིས་རིང་དུ་བཏང་ཆོག་མོད། དེར་ཆེས་རིང་ན་ཡང་ཉིན་༦༠ཡི་སྤྱོད་ཚད་ལས་བརྒལ་མི་ཆོག ༼ གཙོ་བཅོས་སྨན་པས་སྨན་ཐོའི་སྟེང་རྒྱུ་མཚན་གསལ་འགོད་བྱེད་དགོས། ༽

  ༧.འགན་བཅོལ་ནང་ཞུགས་པའི་མཁར་གྲོང་སྡོད་དམངས་ཀྱིས་༼ ནད་རིགས་གཉིས། ༽སྒོ་བསྟེན་སྨན་བཅོས་སྲིད་ཇུས་ཇི་ལྟར་ལོངས་སུ་སྤྱོད་དགོས།

  ལན། འགན་བཅོལ་ནང་ཞུགས་པའིམཁར་གྲོང་སྡོད་དམངས་རྣམས་རིམ་པ་གཉིས་པ་དང་དེའི་ཡན་གྱི་ཕྱོགས་བསྡུས་གནས་གཞི་གཏན་འཁེལ་སྨན་བཅོས་སྒྲིག་གཞིར་གཏན་འཁེལ་བྱས་པ་བརྒྱུད་གྲོང་ཁྱེར་དང་། ཁུལ། རྫོང་ཁོངས་བཅས་ཀྱི་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ཞབས་ཞུའི་སྒྲིག་གཞིས་ཞིབ་བཤེར་གཏན་འཁེལ་བྱས་རྗེས་༼ ནད་རིགས་གཉིས། ༽ཀྱི་སྒོ་བསྟེན་སྨན་བཅོས་འགན་ལེན་ཁྱབ་ཁོངས་ནང་བཙུད་ནས་འབྲེལ་ཡོད་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་དགོས་པ་རེད།

  ༨. འགན་བཅོལ་ནང་ཞུགས་པའི་མཁར་གྲོང་སྡོད་དམངས་ཀྱིས་༼ ནད་རིགས་གཉིས། ༽སྨན་རྫས་ཇི་ལྟར་ཉོ་དགོས།

  ལན། འགན་བཅོལ་ནང་ཞུགས་པའི་མཁར་གྲོང་སྡོད་དམངས་ཀྱིས་ཐག་ཉེ་ས་དང་སྟབས་བདེ་བའི་རྩ་དོན་གཞིར་བཟུང་གནས་གཞི་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་༢-༣་རང་འདོད་བཞིན་གདམ་ག་བྱེད་པ་མ་ཟད། སྨན་བཅོས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞིའི་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་མ་ལག་ནང་ཐོ་འགོད་བྱས་རྗེས་གཏན་འཁེལ་བྱས་པའི་གནས་གཞི་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་༼ ནད་རིགས་གཉིས། ༽སྨན་རྫས་ཉོ་སྤྱོད་བྱེད་ཆོག

  ༩. འགན་བཅོལ་ནང་ཞུགས་པའི་མཁར་གྲོང་སྡོད་དམངས་ཀྱིས་༼ ནད་རིགས་གཉིས། ༽ཀྱི་སྨན་རིན་ཇི་ལྟར་རྩིས་ཞུ་བྱེད་དགོས།

  ལན། འགན་བཅོལ་ནང་ཞུགས་པའི་མཁར་གྲོང་སྡོད་དམངས་ཀྱི་༼ ནད་རིགས་གཉིས། ༽སྨན་སྤྱོད་ཀྱི་འགྲོ་གྲོན་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩ་ནས་གཏོང་སྤྲོད་བྱས་པའི་ཆ་ཤས་དེ་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞི་དང་གནས་གཞི་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིས་ཐད་ཀར་རྩིས་ཞུ་བྱེད་པ་ཡིན་མོད། མིག་སྔར་ཐད་ཀར་བསྡོམས་རྩིས་བྱེད་ཐབས་བྲལ་རིགས་ལ་མི་སྒེར་གྱིས་སྔོན་ལ་སྤྲོད་དངུལ་སྔ་འདོན་བྱེད་པ་དང་། དེའི་རྗེས་ཀྱི་སྤྱི་ཟླ་༡༠ཚེས་༣༡ཉིན་གོང་འགན་བཅོལ་ནང་ཞུགས་སའི་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ཞབས་ཞུའི་སྒྲིག་གཞིར་དུས་ཐོག་ཏུ་འགྲོ་སོང་རྩིས་ཞུ་བྱེད་དགོས།

  ༡༠. འགན་བཅོལ་ནང་ཞུགས་པའི་མཁར་གྲོང་སྡོད་དམངས་ཀྱིས་ཁྲག་ཤེད་མཐོ་བའི་ནད་བཅོས་པར་སྨན་རྫས་གང་དག་ཉོ་སྒྲུབ་བྱས་ཆོག

  ལན། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་སྨན་རྫས་གཅིག་སྡུད་འོས་སྐུལ་ཉོ་སྒྲུབ་ལས་སྟེགས་ཀྱིས་ཉོ་སྒྲུབ་བྱས་པའི་ཁྲག་ཤེད་མཐོ་བའི་སྨན་རྫས་རིགས་༦༢་ཡོད་པའི་ནང་ཚད་གཞི་མི་འདྲ་བའི་སྨན་རྫས་རིགས་༨༣་ཚུད་ཡོད་པ་དང་། དེའི་ཞིབ་ཕྲའི་སྨན་རྫས་ཀྱི་མིང་ཐོ་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་ལེན་ཅུས་ལག་ཁྱེར་ཁ་པར་གྱི་APPབརྒྱུད་འདྲི་རྩད་བྱེད་ཆོག་པ་རེད།

  ༡༡. འགན་བཅོལ་ནང་ཞུགས་པའི་མཁར་གྲོང་སྡོད་དམངས་ཀྱིས་གཅིན་སྙི་ཟ་ཁུ་སྨན་བཅོས་བྱེད་པའི་སྨན་རྫས་གང་དག་ཉོ་སྒྲུབ་བྱེད་ཆོག

  ལན། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་སྨན་རྫས་གཅིག་སྡུད་འོས་སྐུལ་ཉོ་སྒྲུབ་ལས་སྟེགས་ཀྱིས་ཉོ་སྒྲུབ་བྱས་པའི་གཅིན་སྙི་ཟ་ཁུའི་ནད་ཀྱི་སྨན་རྫས་ལ་ཁྱོན་རིགས་༤༩ཡོད་པ་ལས་ཚད་གཞི་མི་འདྲ་བའི་སྨན་རྫས་རིགས་༦༦ཚུད་ཡོད་པ་དང་། དེའི་ཞིབ་ཕྲའི་སྨན་རྫས་ཀྱི་མིང་ཐོ་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་ལེན་ཅུས་ལག་ཁྱེར་ཁ་པར་གྱི་APPབརྒྱུད་འདྲི་རྩད་བྱེད་ཆོག་པ་རེད།

相关新闻↓
    [ 返回首页 ] [ 打印 ] [ 进入青新论坛 ] [ 关闭窗口 ]
   
 
青海省人民政...
青海新闻网
中共久治县委宣传部版权所有 青海新闻网技术支持